(ཏེ་ཝན་ཁུལ་གྱི་གནས་ཚུལ།)
༉
ཀྱཻ་མ། ལས་ངན་སྐྱེ་བོ་བདག་ནི་མཐའ་ཁོབ་ཡུལ། ། ཏེ་ཝན་ཅེས་བྱའི་གནས་སུ་ལྷགས་པ་ན།
།
ཕྱི་ནང་གང་དུ་བལྟས་ཀྱང་ཞེན་ལོག་པས། ། ཡིད་དགའི་སྣང་བ་ཅུང་ཟད་ཅང་མ་མཆིས།།
མི་རྣམས་ཕལ་ཆེར་མཛེས་སྡུག་ལྷར་སྣང་ཡང་། །
དོན་ལ་རྒྱུ་ནོར་འདོད་རྔམ་ཆེ་བ་ཡིས།།
ཡུད་ཙམ་བདེ་བའི་ངལ་བསོ་མེད་པ་རུ། ། རྟག་ཏུ་བྲེལ་ཚུབས་ཁོ་ནས་འདའ་བར་མངོན།།